Drangsong No. 200

DRANGSONG MANUSCRIPTS

Text number

200d
Text title (where present) in Tibetan

༄༅།། ཡབ་སྲས་བཅུད་དྲིལ་གྱི་་་་་་་ཕྲིན་ལས་བཞུགས་པ་ལེགསྷོ།།

Number of folios  10

Item numbers

  v200_IMG_3745-3754

Colophon

ཁྱུང་ལུང་གནས་སུ་སྒྲུབ་རྟགས་མངོན་སུམ་ཐོན། དྲན་པ་ནམ་མཁའི་སྐུ་ལ་གསོལ་བ་འདེབས། བྱ་རིའི་གནས་སུ་སྐྱེ་འཆི་རང་དབང་ཐོབ། ཚེ་དབང་རིག་འཛིན་སྐུ་ལ་གསོལ་བ་འདེབས། ལྷོ་ནུ་གནས་སུ་སྲིན་པོའི་ཁ་གནོན་མཛད། པདམ་མ་མཐོང་གྲོལ་སྐུ་ལ་གསོལ་བ་གསོལ། གངས་ཆེན་ཁྲོ་དུ་སྒྲ་འགྱུར་ལོ་ཙཱ་མཛད། བྷེ་རོ་ཙ་ནའི་སྐུ་ལ་གསོལ་བ་འདེབས། མཁའ་ཀློང་དབྱིངས་སུ་བཀའ་ཡི་བྱ་ར་མཛད། སྲིད་པའི་རྒྱལ་མོ་སྐུ་ལ་གསོལ་བ་འདེབས། སྤ་དྲོ་གནས་སུས་ཟབ་མོ་གཏེར་སྒོ་ཕྱེ། གཡུང་དྲུང་གླིང་པའི་སྐུ་ལ་གསོལ་བ་འདེབས། མཁར་སྣའི་གནས་སུ་སྒྲུབ་རྒྱུད་བསྟན་པ་སྤེལ། མཚུངས་མེད་བསོད་བློའི་སྐུ་ལ་གསོལ་བ་འདེབས། རྒྱལ་མོ་རོང་དུ་མཁའ་ལ་བྱ་བཞིན་འཕུར། གཡུང་དྲུང་རྒྱལ་མཚན་སྐུ་ལ་གསོལ་བ་འདེབས། གནམ་མཚོའི་གནས་སུ་ཚེ་དབང་ལྷ་ཞལ་ཁུམ། རིག་པ་རང་ཤར་སྐུ་ལ་གསོལ་བ་འདེབས། བདེ་བའི་གནས་སུ་འོད་ཀྱི་འཁོར་ལོ་བསྐོར། བླ་མ་གསས་ཆེན་སྐུ་ལ་གསོལ་བ་འདེབས། བསྒྲུབ་པའི་གནས་སུ་གནས་ལུགས་མངོན་དུ་གྱུར། བླ་མ་གསས་ཆུང་སྐུ་ལ་གསོལ་བ་འདེབས། རྒྱལ་རོང་གནས་སུ་སྒྲུབ་པ་མཐའ་རུ་ཕྱིན། སྦྱིན་པ་རྒྱལ་མཚན་སྐུ་ལ་གསོལ་བ་འདེབས། ཉམས་སུ་གནས་སུ་བསྟན་པའི་དགྲ་བོ་བསྒྲོལ། སྔགས་འཆང་ཁྲོ་གསས་སྐུ་ལ་གསོལ་བ་འདེབས། དགེ་སྒྲུབ་གནས་སུ་སྐྱེད་རྫོགས་རང་དབང་ཐོབ། ནམ་མཁའ་རྒྱལ་མཚན་སྐུ་ལ་གསོལ་བ་འདེབས། རབ་གང་གནས་སུ་སྒྲོ་འདོགས་ཁོ་ནས་ཆོད། ནམ་མཁའ་དབང་ལྡན་སྐུ་ལ་གསོལ་བ་འདེབས། ཡང་དབེན་གནས་སུ་བསྙེན་སྒྲུབ་མཐའ་རུ་ཕྱིན། རིན་ཆེན་ལྷུན་གྲུབ་སྐུ་ལ་གསོལ་བ་འདེབས། ཕྱོགས་མེད་གནས་སུ་དགོངས་པ་སྤྲོས་དང་བྲལ། བསྟན་པ་འོད་ཟེར་སྐུ་ལ་གསོལ་བ་འདེབས། བྱ་དུར་གནས་སུ་ཐེག་ཆེན་འཁོར་ལོ་བསྐོར། ཉི་མ་འོད་ཟེར་སྐུ་ལ་གསོལ་བ་འདེབས། བསམ་གླིང་གནས་སུ་འོད་གསལ་མ་བུ་འཕྲོད། ཚུལ་ཁྲིམས་འོད་ཟེར་སྐུ་ལ་གསོལ་བ་འདེབས། མཚོ་གླིང་གནས་སུ་བསླབ་གསུམ་རྣམ་པར་དག། གཡུང་དྲུང་ཚུལ་ཁྲིམས་སྐུ་ལ་གསོལ་བ་འདེབས།

Remarks g.yung drung going pa (1346-1405)

v200_IMG_3745.jpg

v200_IMG_3745.jpg

v200_IMG_3746A.jpg

v200_IMG_3746A.jpg

v200_IMG_3746B.jpg

v200_IMG_3746B.jpg

v200_IMG_3747A.jpg

v200_IMG_3747A.jpg

v200_IMG_3747B.jpg

v200_IMG_3747B.jpg

v200_IMG_3748A.jpg

v200_IMG_3748A.jpg

v200_IMG_3748B.jpg

v200_IMG_3748B.jpg

v200_IMG_3749A.jpg

v200_IMG_3749A.jpg

v200_IMG_3749B.jpg

v200_IMG_3749B.jpg

v200_IMG_3750A.jpg

v200_IMG_3750A.jpg

v200_IMG_3750B.jpg

v200_IMG_3750B.jpg

v200_IMG_3751A.jpg

v200_IMG_3751A.jpg

v200_IMG_3751B.jpg

v200_IMG_3751B.jpg

v200_IMG_3752A.jpg

v200_IMG_3752A.jpg

v200_IMG_3752B.jpg

v200_IMG_3752B.jpg

v200_IMG_3753A.jpg

v200_IMG_3753A.jpg

v200_IMG_3753B.jpg

v200_IMG_3753B.jpg

v200_IMG_3754.jpg

v200_IMG_3754.jpg